桑德拉姆-文本歌词

桑德拉姆-文本歌词

发行日期:

作词 : 翼罗
作曲 : 岗甲尔
ང་ཡི་གསང་ཐག་ལྷ་མོ།
གཞས་ཚིག གཡུ་ལོ།
དབྱངས་ གངས་རྒྱལ།
གཞས་པ་ གངས་རྒྱལ། མགོན་པོ་དར་རྒྱས།
སྐར་མ་ནམ་མཁར་བཏེགས་ཡོད།།
ནོར་བུ་སེམས་ལ་བཞག་ཡོད།།
ལས་ལ་བརྐོས་པའི་བྱམས་པ།།
ཁྱེད་རང་ཡིན་ན་དགའ་དགའ།།
ང་ཡི་གསང་ཐག་ལྷ་མོ།
ང་རང་གང་འགྲོའི་ས་ལ།།
གཞས་ངག་དབྱངས་རྟར་གྱེར་དང་།།
དགའ་དུང་གསེར་གྱི་མདུད་པ།།
འབྲལ་མེད་ལུས་ལ་འདེགས་རོགས།།
སེམས་པ་ཁྱེད་ལ་འཁྲེང་ཡོད།།
ཚིག་གསུམ་གཏེར་ལ་སྦས་ཡོད།།
འཇའ་ཡིས་སྤྲས་པའི་བུ་མོ།།
ཁྱེད་རང་ཡིན་ན་དགའ་དགའ།།
ང་ཡི་གསང་ཐག་ལྷ་མོ།
འགྲོ་ཁའི་གོམ་སྟབས་བར་ནས།།
ཕྱིར་མིག་ཐེངས་གཅིག་གནང་དང་།།
མཛའ་འབྲེལ་གསེར་གྱི་ཟམ་པ།།
རི་བོའི་རྩེ་ནས་བཙུགས་ཡོང་།།
སྙིང་གཏམ་ཤོག་ངོར་ཕབ་ཡོད།
བརྩེ་བ་མཚོ་མོར་ལྡབ་ཡོད།
རྨི་ལམ་ནང་གི་བདག་མོ།
ཁྱེད་རང་ཡིན་ན་དགའ།
ང་ཡི་གསང་ཐག་ལྷ་མོ།
ཁྱེད་རང་ཨེ་མཐོང་བསམ་ནས།
འོད་ཀྱིས་གཤོག་པར་བཅིབས་ཡོད།
འགྲོགསའདྲིས་ཨེ་ཡོང་བསམ་ནས་
སྐྱབས་འཇུག་ལྷ་ལ་ཞུས་ཡོད།