红丝带-文本歌词

红丝带-文本歌词

发行日期:

དར་སྐུད་དམར་པོ།
གཞས་ཚིག ཁྲི་བཀྲ་རྒྱམ།
གཞས་གདངས། དཔལ་ཆེན་དབང་རྒྱལ།
གཞས་པ། དཔལ་ཆེན་དབང་རྒྱལ།
སྒྲ་སྦྱོར་བ།ཞའོ་ཧྥིན།
དབྱངས་སྒྲིག་མཁན།པི་ཝང་།སྒྲ་སྙན།བཀྲ་ཤིས་ཚེ་བརྟན།
རུ་སྡེ་ཁྲ་མོ་ཞིག་ན།
བརྩེ་སེམས་འོ་ཆུ་འདྲེས་སའི།
སྙིང་གཏམ་བྲོ་ཁ་སློང་སའི།
སྙིང་གི་ཚེ་ཡ་གཅིག་ཡོད།
ཚེ་གྲོགས་སྙིང་གི་བུ་མོར།
ཚེ་ལ་བར་ཆད་མེད་ན།
ལས་ཀྱི་དར་སྐུད་དམར་པོ།
མི་ལྷོད་དམ་དུ་བརྒྱབ་ཆོག
ཨོ་་་་་་་
དམ་ཚིག་ཤེལ་གྱི་མེ་ལོང་།
ཨོ་་་་་་
རང་རང་སེམས་ན་གསལ་ཡོད།
རང་སེམས་སྲུང་བའི་བུ་མོ།
གཏན་གྱི་འདུན་མར་བསུས་ཆོག
རུ་སྡེ་ཁྲ་མོ་ཞིག་ན།
ཁ་ཚིག་མཐུན་པ་ལབ་སའི།
ཁ་སེམས་ཕྱི་ནང་མེད་སའི།
ལས་ཀྱི་སྐྱ་ཡ་གཅིག་ཡོད།
མི་ལུས་རིན་ཆེན་ཟེར་ཡ།
མི་འདོད་ནད་ཀྱིས་འཕུང་ན།
ལས་ཀྱི་དར་སྐུད་དམར་པོ།
མི་འདོད་སོ་སོར་གྱེས་འགྲོ།
ཨོ་་་་་་
འདུ་བྲལ་འཁོར་བའི་ཆོས་ཉིད།
ཨོ་་་་་་
ལྡོག་ཐབས་མེད་པ་ལས་རེད།
ཚེ་རབས་རྗེས་མ་ཞིག་ལ།
འཛོམས་པའི་སྨོན་ལམ་བརྒྱབ་ཆོག
ཧེ་་་་་་་
ཚེ་རབས་རྗེས་མ་ཞིག་ལ།
འཛོམས་པའི་སྨོན་ལམ་བརྒྱབ་ཆོག
གླུ་ཚིག་བཀོད་མཁན། རེ་འབོད།