珠姆王后-文本歌词

珠姆王后-文本歌词

发行日期:

珠姆王后 (热门藏歌) - 旦增尼玛

词:琼布岗泽

曲:阿德青梅才仁

སེམས་ཀྱི་གཏིང་རིམ་ན་ལྷམ་མེད་འབར་བའི།

མིག་གི་ཤེས་པ་ན་ཁྲ་ལེར་འཁྱིལ་བའི།

སྒ་ཡི་སྨན་ཆུང་ནང་གི་མཛེས་མ།

སྐྱ་ལོ་སྟོན་པའི་སྲས་མོ།

ཁྱོད་ཀྱི་སྤྱོད་བཟང་།

ཁྱོད་ཀྱི་གཤིས་འཇམ།

གངས་ཅན་སྨན་ཆུང་ཡོངས་ཀྱི་སེམས་ཀྱི་རང་གཟུགས་ཡིན།

ཁྱོད་ཀྱི་སྤྱོད་བཟང་།

ཁྱོད་ཀྱི་གཤིས་འཇམ།

གངས་ཅན་སྨན་ཆུང་ཡོངས་ཀྱི་སེམས་ཀྱི་རང་གཟུགས་ཡིན།

དཔལ་ཐུར་སུམ་ཅུའི་ཞེན་ཆགས་ཀྱི་གཞི་མ།

གླིང་དཀར་སྟོང་སྡེའི་སེམས་ཀྱི་སྙིང་དམར།

འཛམ་གླིང་གེ་སར་རྒྱལ་པོ་ལྷ་ལྕམ།

ཨ་ཅེ་སེང་ལྕམ་འབྲུག་མོ།

ཁྱོད་ཀྱི་ལང་ཚོ།

ཁྱོད་ཀྱི་སྒེག་ཉམས།

གངས་ཅན་ཕུ་ནུ་ཡོངས་ཀྱི་བརྩེ་བའི་དྲོད་ཁྱིམ་ཡིན།

ཁྱོད་ཀྱི་ལང་ཚོ།

ཁྱོད་ཀྱི་སྒེག་ཉམས།

གངས་ཅན་ཕུ་ནུ་ཡོངས་ཀྱི་བརྩེ་བའི་དྲོད་ཁྱིམ་ཡིན།