花开并蒂 (剪辑版) (热门藏歌) - 杨杰才让/才桑吉
词:索才
曲:格莱
ཤང་ཤང་ཆུ་བོ་སྔོན་མོ། །
བསིལ་བསིལ་རླུང་གིས་དེད་སོང་། །
དེ་འདྲའི་ཆུ་མོའི་རྒྱུགས་ཕྱོགས། །
ཡོད་འགྲོ་བསམ་པ་མ་བྱུང་། །
ཆུ་ལ་བཤད་པའི་སྙིང་གཏམ། །
ཁྲ་ཆུང་ཉ་མོས་ཐོས་སོང་། །
བརྩེ་དུང་ཡིད་ཀྱི་མཆི་མ། །
ཉ་མོའི་སྤྱན་ནས་བསིལ་བྱུང་། །
ནམ་མཁའི་སྤྲིན་པ་དཀར་བོ། །
བསིལ་བོ་རླུང་གིས་ཁྱེར་སོང་། །
དེ་འདྲའི་སྤྲིན་པའི་འཁྱེར་ཕྱོགས། །
ཡོད་འགྲོ་བསམ་པ་མ་བྱུང་། །
སྤྲིན་ལ་བསྐུར་པའི་སྙིང་གཏམ། །
ཁྱེད་ཀྱི་པང་ལ་ཟགས་ནས། །
བློ་དཀར་ཡིད་ཀྱི་མེ་ཏོག །
ཁྱེད་ཀྱི་པང་ནས་བཞད་བྱུང་། །
ང་ཡི་བློ་དཀར་བརྩེ་དུང་། །
བུ་ཆུང་ཁྱོད་ཀྱིས་ཁྱེར་སོང་། །
དེ་འདྲའི་སེམས་པའི་འཕྲོག་ཕྱོགས། །
ཡོད་འགྲོ་བསམ་པ་མ་བྱུང་། །
ཆུང་འདྲིས་སྙིང་སྡུག་ཁྱེད་ཀྱིས། །
དེ་ལ་ཆོག་ཤེས་གནང་ནས། །
དགའ་བའི་སྐྱེད་མོའི་ཚལ་ལ། །
བུ་མོ་འཁྲིད་རོགས་གནང་དང་། །
ཨ་སྙིང་སྡུག་ལགས།
ང་གཉིས་ཚེ་གྲོགས་བར་ལ། །
དགོས་རྒྱུ་འདུན་པ་རྩེ་གཅིག །
མི་ཚེར་འགྱུར་བ་མེད་པ། །
ཁྱེད་ཀྱིས་གནང་རོགས་གནོངས་དང་། །