周桑桑-文本歌词

周桑桑-文本歌词

发行日期:

༄།འབྲུག་སེང་སེང་།

周桑桑

ལྡོང་ནོར་སྡེ།

演唱:改洛

作词:诺尔德

作曲:改洛

音乐制作人:谢尔巴

ཕ་རྒྱུད་ནམ་མཁའ་སྟོང་པའི་གླུ།།

སྟོང་པའི་གླུ་དེ་འབྲུག་སེང་སེང་།།

འབྲུག་སེང་སེང་ཨ་ཕའི་དཔའ་གླུ་ཡིན།།

ཁོང་ཨ་ཕའི་དཔའ་གླུ་ཡང་གཅིག་ལེན།།

~

མ་རྒྱུད་ཆུ་བོ་གཞུང་འབྱམས་གླུ།།

འབྱམས་པའི་གླུ་དེ་འབྲུག་སེང་སེང་།།

འབྲུག་སེང་སེང་ཨ་མའི་བསྟོད་གླུ་ཡིན།།

ཁོང་ཨ་མའི་བསྟོད་གླུ་ཡང་གཅིག་ལེན།།

~

རང་རྒྱུད་རིག་སྟོང་འཕྲུལ་འཁོར་གླུ།།

འཕྲུལ་བའི་གླུ་དེ་འབྲུག་སེང་སེང་།།

འབྲུག་སེང་སེང་རང་སེམས་སྤྲོ་གླུ་ཡིན།།

ངའི་རང་སེམས་སྤྲོ་གླུ་ཡང་གཅིག་ལེན།།