远方的歌-文本歌词

远方的歌-文本歌词

发行日期:

ས་མཐའི་གཞས

远方的歌

གཞས་ཚིག ཀུན་བཟང་རྡོ་རྗེ།

作词: 更桑多杰

གཞས་དབྱངས། ཀུན་བཟང་རྡོ་རྗེ།

作曲: 更桑多杰

ལེན་མཁན། བློ་བཟང་།

歌手:罗让

མཛོ་ཁྱུང་དཀར་གཅིག་ལ་སྐྱིད་སྡུག་གཉིས།།

འདི་ཆུང་དུས་ཐུལ་དཀར་འབྲི་ཡིས་གསོ།།

ནང་མཛོ་བརྒྱ་རྫ་ལ་འཛོམས་དུས་སུ།།

མགོ་རུ་ཐུར་ལྡེམ་མེ་ཉམས་རེ་དགའ།།

འདི་སྡུག་དུས་མི་ཡི་ལག་ན་ཡོད།།

ཁལ་ལྗིད་མོ་བཀལ་ན་ཞེ་རེ་སྨྲེང་།།

~

རྟ་འདོ་བ་གཅིག་ལ་སྐྱིད་སྡུག་གཉིས།།

འདི་ཆུང་དུས་སྤང་དཀར་ཀླད་ནས་སྐྱེས།།

ནང་རྟ་བརྒྱ་སྤང་ལ་འཛོམས་དུས་ན།།

མགོ་རྔོག་ཆུང་ལྡེམ་མེ་ཉམས་རེ་དགའ།།

འདི་སྡུག་དུས་བྱང་ལམ་མཚམས་ན་ཡོད།།

ལྕག་ཕྲ་མོས་བྲབས་ན་ཞེ་རེ་སྨྲེང་།།

~

ང་བུ་ཆུང་གཅིག་ལ་སྐྱིད་སྡུག་གཉིས།།

ང་ཆུང་དུས་ཨ་མའི་པང་ལ་སྐྱེས།།

ནང་ཕུ་ནུ་ཁྱིམ་ལ་འཛོམས་དུས་སུ།།

སྐྱིད་དགོད་སྒྲ་ལྷང་ལྷང་ཉམས་རེ་དགའ།།

ང་སྡུག་དུས་ས་མཐའི་ཡུལ་ན་ཡོད།།

ལས་དཀའ་སྡུག་ཆེ་ན་ཞེ་རེ་སྨེང་།།

ས་མཐའི་གཞས

远方的歌

གཞས་ཚིག ཀུན་བཟང་རྡོ་རྗེ།

作词: 更桑多杰

གཞས་དབྱངས། ཀུན་བཟང་རྡོ་རྗེ།

作曲: 更桑多杰

ལེན་མཁན། བློ་བཟང་།

歌手:罗让

མཛོ་ཁྱུང་དཀར་གཅིག་ལ་སྐྱིད་སྡུག་གཉིས།།

འདི་ཆུང་དུས་ཐུལ་དཀར་འབྲི་ཡིས་གསོ།།

ནང་མཛོ་བརྒྱ་རྫ་ལ་འཛོམས་དུས་སུ།།

མགོ་རུ་ཐུར་ལྡེམ་མེ་ཉམས་རེ་དགའ།།

འདི་སྡུག་དུས་མི་ཡི་ལག་ན་ཡོད།།

ཁལ་ལྗིད་མོ་བཀལ་ན་ཞེ་རེ་སྨྲེང་།།

~

རྟ་འདོ་བ་གཅིག་ལ་སྐྱིད་སྡུག་གཉིས།།

འདི་ཆུང་དུས་སྤང་དཀར་ཀླད་ནས་སྐྱེས།།

ནང་རྟ་བརྒྱ་སྤང་ལ་འཛོམས་དུས་ན།།

མགོ་རྔོག་ཆུང་ལྡེམ་མེ་ཉམས་རེ་དགའ།།

འདི་སྡུག་དུས་བྱང་ལམ་མཚམས་ན་ཡོད།།

ལྕག་ཕྲ་མོས་བྲབས་ན་ཞེ་རེ་སྨྲེང་།།

~

ང་བུ་ཆུང་གཅིག་ལ་སྐྱིད་སྡུག་གཉིས།།

ང་ཆུང་དུས་ཨ་མའི་པང་ལ་སྐྱེས།།

ནང་ཕུ་ནུ་ཁྱིམ་ལ་འཛོམས་དུས་སུ།།

སྐྱིད་དགོད་སྒྲ་ལྷང་ལྷང་ཉམས་རེ་དགའ།།

ང་སྡུག་དུས་ས་མཐའི་ཡུལ་ན་ཡོད།།

ལས་དཀའ་སྡུག་ཆེ་ན་ཞེ་རེ་སྨེང་།།