虔徒的低吟-文本歌词

虔徒的低吟-文本歌词

发行日期:

དད་པའི་གདུང་དབྱངས་གཉོམ་པོ།

虔徒的低吟

ཚིག དུང་སྐད་གཉོམ་པོ།

作词:桑周

གཞས་གདངས། བསམ་འགྲུབ་ཚེ་རིང་།

作曲:三智才让

གཞས་པ། ཀུན་བཟང་ཤེས་རབ།

歌手:根桑西拉

བརྙན་ལེན་དང་སྒྲིག་སྦྱོར། བཙན་མེ་ལོང་།

视频剪辑:赞美龙

མཐོང་གྲོལ་སྐུ་ཡི་རང་ཞལ་ཡུན་རིང་ལ་མ་མཇལ། །

ཐོས་གྲོལ་གསུང་གི་གདམས་ངག་ཡུན་རིང་ལ་མ་ཐོས། །

ཡེ་གྲོལ་ཐུགས་ཀྱིས་དགོངས་སམ་ཕ་གཅིག་གི་བླ་མ། །

བུ་ངས་གདུ༵ང་དབྱ༵ངས་གཉོ༵མ་པོ༵འི་གླུ་སྐད་འདི་གསན་ནམ། །

ཚོགས་དྲུག་ཡུལ་གྱི་རླུང་བུའི་བསླུ་བྲིད་དེ་གཡུགས་བྱུང་། །

སྲན་ཚུགས་མེད་པའི་བདག་བློ་འདར་འདར་གྱིས་གཡོས་བྱུང་། །

གཡོ་མེད་བཙན་ས་ཟིན་པའི་སྐྱབས་གཅིག་གི་བླ་མ། །

གཟུང་འཛིན་འཁྲུལ་བ་ཞིག་པའི་རོགས་དན་ཞིག་གནང་དང་། །

~ ~ ~ ~ ~

དྲོ་གྲང་ཁོད་མི་སྙོམས་པ་མི་ཡུལ་གྱི་ལུང་པ། །

གནས་ཡུལ་གང་ལ་བལྟས་ཀྱང་སྐྱིད་སྣང་ཞིག་མི་འདུག །

ཟག་མེད་བདེ་བ་བརྙེས་པའི་དྲིན་ཆེན་གྱི་བླ་མ། །

ཁེར་ཧྲེང་འཚོ་བ་འདི་ལ་འཁྱག་སྣང་ཞིག་སྐྱེས་བྱུང་། །

མི་རྣམས་དགའ་སྡུག་སྐྱེན་པ་ཉིན་སྲིབ་གྱི་ངོ་གདོང་། །

སྐབས་རེར་ཆ་ཡོད་འདྲ་ལ་ཆ་མེད་ཀྱང་རེད་བཞག །

ཆགས་སྡང་རྒྱ་ལས་ཤོར་བའི་བྱང་སེམས་ཀྱི་བླ་མ། །

བདག་ལ་བཏང་སྙོམས་བློ་ཡིས་སྙིང་ཕུར་ཞིག་གདབ་རོགས། །

~ ~ ~ ~ ~

བདེ་གཟར་དོ་མི་མཉམ་པ་ཀྱག་ཀྱོག་གི་ལམ་ཁ། །

གང་ནས་འགྱེལ་འགྲོ་ཅི་ཆ་འགལ་རྐྱེན་དེ་མང་བ། །

རང་དབང་གང་ཤར་བསྐྱོད་པའི་རིགས་བདག་གི་བླ་མ། །

འཁྱར་འཁྱོར་གོམ་ཁ་འདི་ལ་སྐྱོར་ཡ་ཞིག་མཛོད་ཅིག །

སྔོན་ཚེ་བླ་སློབ་འཛོམས་པ་ཡག་དུས་དེར་བསམ་ན། །

དགྱེས་འཛུམ་ཞལ་ཏ་གནང་བའི་རྣམ་པ་དེ་དྲན་ན། །

སྐྱིད་སྡུག་ཞུ་བཅོལ་བྱེད་པའི་དུས་སྐབས་དེ་སྐྱིད་པ། །

ང་ཡི་འཇམ་དབྱངས་བླ་མ་ཡང་ནས་ཡང་དྲན་པ། །