在日落前拥抱(高原孩子)-文本歌词

在日落前拥抱(高原孩子)-文本歌词

小野来了&曹一阳
发行日期:

在日落前拥抱(高原孩子) - 小野来了/曹一阳

曲 : 尕尔东

ང་ཚོས་ནམ་མཁའ་སྟོང་བའི་ངོས་སུ་ལག་པ་བསྲིངས་ནས

བོར་ཟིན་པའི་རྨི་ལམ་མི་གླེང

ང་ཚོས་གྲིབ་མའི་སྣེ་མོར་འབྱར་བའི་ཆགས་སྡང་དེ་ཡང

དུས་ཚོད་ཀྱི་རླུང་བུའི་ནང་དུ་བསྐུར

ང་ཚོས་རླུང་བུ་འཁྱག་པོའི་ནང་དུ་ལག་པ་བསྲིངས་ནས

ཁ་སང་གི་དབྱར་ཁ་མི་གླེང

ང་ཚོས་མདེའུ་མེད་པའི་བོའུ་མཆུ་རང་ལ་གཏད་ནས

འཇིག་རྟེན་འདི་ལ་ཁ་ཆེམས་མི་འཇོག

ད་ནས

ང་ཚོ་རང་གི་སེམས་པའི་ནང་དུ་ལོག

ད་ནས

སྒེེའུ་ཁུང་ནང་དུ་མེ་ཏོག་མང་པོ་གསོ།མང་པོ་གསོ

ད་ནས

ཉི་འོད་ཐང་ལ་ལྷུང་བའི

ད་ནས

བསིལ་རླུང་དལ་བུར་ལྡིང་བའི་ས་སྲོས་ཤིག་ལ

སང་ཉིན་འཆི་བ་ནང་བཞིན

སང་ཉིན་འཆི་བ་ནང་བཞིན

རང་རང་དགའ་བའི་མི་དག་ལ་སྐེ་འཇུ་གནང

ང་ཚོས་རླུང་བུ་འཁྱག་པོའི་ནང་དུ་ལག་པ་བསྲིངས་ནས

ཁ་སང་གི་དབྱར་ཁ་མི་གླེང

ང་ཚོས་མདེའུ་མེད་པའི་བོའུ་མཆུ་རང་ལ་གཏད་ནས

འཇིག་རྟེན་འདི་ལ་ཁ་ཆེམས་མི་འཇོག

ད་ནས

ང་ཚོ་རང་གི་སེམས་པའི་ནང་དུ་ལོག

ད་ནས

དགུན་འཁྱག་ནང་དུ་མེ་ཏོག་མང་པོ་གསོ

ད་ནས

སྨུག་པ་ལང་ལོང་འཐིབ་པའི

ད་ནས

ཆར་བ་ཟ་ཟི་འབབ་པའི་ཞོགས་པ་ཞིག་ལ

སང་ཉིན་འཆི་བ་ནང་བཞིན

སང་ཉིན་འཆི་བ་ནང་བཞིན

རང་རང་དགའ་བའི་མི་དག་ལ་སྐེ་འཇུ་གནང

སང་ཉིན་འཆི་བ་ནང་བཞིན

སང་ཉིན་འཆི་བ་ནང་བཞིན

རང་རང་དགའ་བའི་མི་དག་ལ་སྐེ་འཇུ་གནང