གཅེས་ཕྲུག་མ།宝贝女儿

ང་འཇིག་རྟེན་མི་ལུས་ཐོབ་དང་གཅིག།我一来得世间人身

དུས་སྐལ་བ་བཟང་བོར་འཕྲད་དང་གཉིས།།二来恰逢美好时代

བུ་རེ་བ་ཅན་ཞིག་འཁྱོངས་དང་གསུམ།།三来成为出息的男儿

ཚེ་སྔོན་མས་བསགས་པའི་བསོད་ནམས་རེད།།这是前世修来的福

ལས་བཟང་བས་གངས་ཅན་བོད་ནས་སྐྱེས།།有缘生在雪域高原

བོད་ཆོས་ལྡན་དག་པའི་ཞིང་ཁམས་རེད།།雪域乃慈悲之地

ང་འགྲོ་ས་འདུག་ས་གང་སྐྱིད་ཡིན།།我的去处住处都很幸福

འདི་ཚེ་སྔོན་ལས་ཀྱིས་བཀོད་པ་རེད།།这就是命运的安排

ང་མྱི་ཆུང་བསམ་པའི་དོན་གྲུབ་ཡིན།།我是心想事成小男儿

ནང་སྤུན་ཟླའི་ཁྲོད་ཀྱི་རྩིས་ཆེན་ཡིན།།兄弟之中最亲的

ཁྱིམ་བཟའ་ཚང་སྐྱིད་ལ་སྐུར་མཁན་ཡིན།།为家庭带来幸福

ལས་བསོད་ནམས་ཅན་ལ་བསམ་དོན་འགྲུབ།།有福之人定如意

ཡར་དཀོན་མཆོག་ཞིང་ལ་གསོལ་བ་བཏབ།།向三宝之地祈福

མར་དབུལ་ཕོངས་རྣམས་ལ་སྦྱིན་པ་བཏང་།།向贫困之人施舍

བསྒུགས་བསྒུགས་པའི་ཉིན་བཟང་སྐར་བཟང་ལ།།久等之后的吉日里

གནམ་སྔོན་མོས་ང་ལ་གཅེས་ཕྲུག་གནང་།།老天爷赐我一宝贝

ནངས་སྔ་མོ་ཉི་རྩེ་བྲག་ལ་ཤར།།清晨阳光照东峰

བྱ་སྐྱ་ཀ་ཁྲ་མོས་མགྲོན་བརྡ་བཏང་།།喜鹊鸟带来喜讯

ཟླ་དྲུག་པར་མེ་ཏོག་བཞད་དུས་སུ།།在六月花儿盛开时

དྲིན་ཨ་མའི་པང་ནས་སྐྱེས་ནི་རེད།།生在慈母的怀抱中

ཁྱོད་ཨ་ཕའི་སེམས་ཀྱི་ནོར་བུ་ཡིན།།你是父亲心中的宝贝

ཁྱོད་ཨ་མའི་ཐོད་པའི་མིག་ཟུང་ཡིན།།你如母亲额头的双眼

ཡུལ་ཕ་མ་གཉིས་ཀྱི་སེམས་རྟེན་ཡིན།།你是父母心灵的寄托

ཁྱོད་གཡང་ཁྱིམ་གང་བོའི་གཅེས་ཕྲུག་ཡིན།།你是全家人的宝贝

ཁྱོའི་སྣ་ལུད་ལྕེ་ཡིས་ལྡག་ནི་རེད།།用嘴擦拭你的鼻涕

ཁྱོའི་འཕོང་མགོ་ལག་པས་ཕྱིས་ནི་རེད།།用手擦去你的屁股

ཤ་མཆིན་པ་གླན་ནས་སྙོར་ནི་རེད།། 以温柔亲近呵护你

ལག་ཆགས་ཙུག་འདོད་ནས་དགའ་ནི་རེད།། 用深情眼眸注视你

ཟས་གང་ཞིམ་གང་བཟང་ཁྱོད་ལ་བྱིན།།好吃好喝的都给你

གོས་གང་ཡག་གང་ཞོར་ཁྱོད་ལ་བསྐོན།།好看好穿的给你穿

ཚིག་གང་འཇམ་གང་སྙན་ཁྱོད་ལ་བཤད།།好听的话说给你听

རྒྱུ་གང་ཡོད་ཁྱོད་ལ་བཏང་ནི་རེད།།为你付出了一切

རྒྱུ་ནོམ་པར་སེར་སྣ་མ་བྱས་ཟིག། 为你没有拮据半分

ལུས་དཀའ་སྡུག་ཀུན་ལ་མ་འཛེམ་ཟིག།为你没有顾及苦难

སྲོག་དམར་པོ་ཁྱོད་ལ་གཏོང་དགོས་རུང་།།即使豁出宝贵的生命

བློ་ཐེ་ཚོམ་ཡིད་ལ་སྐྱེས་མ་མྱོང་།།也绝不产生半分犹豫

ང་རྒྱལ་ཁམས་འགྲིམས་ནས་འགྲོ་དུས་ན།།当我走南闯北时

ང་སྡེ་མཐའ་བསྐོར་ནས་ཡོང་དུས་སུ།།当我源头归来时

ཐག་རིང་ཐུང་གང་ལ་འགྲོ་དུས་ན།།不管距离长短

ངའི་ཡ་ཆུང་སེམས་ནས་གཅེས་ལོ་དྲན།།我心永远想着宝贝

ཕ་ཤེས་རྒྱ་ཅན་གྱིས་བསྐྱངས་ནས་ཡོང་།有识之父培育你

མ་བྱང་སེམས་ཅན་གྱིས་གཉོར་ནས་ཡོང་།།慈祥之母孕育你

བཟའ་མགོ་ལུས་འཛོམས་པའི་གཞིས་ཁྱིམ་ནས།།在老小聚全的家庭中

ཁྱོད་ལང་ཆོའི་མེ་ཏོག་སྨིན་ནི་རེད།།你的青春之花盛开了

ཁྱོད་ད་ལོ་མོ་ལོ་བཅོ་ལྔ་རེད།།你今年刚好十五岁

བོད་ཁ་བ་ཅན་གྱི་ལུགས་སྲོལ་ལ།།雪域藏族的习俗中

མ་བུ་མོ་བཅོ་ལྔར་ལོན་དུས་ན།།女孩到了芳龄十五

སྨན་བུ་མོ་གནས་ལ་འགྲོ་རན་རེད།།到了嫁人为妻之时

ལོ་བཅོ་ལྔ་ཉི་ཤུར་ལོན་དུས་ན།།到了芳龄十五岁时

འགྲོ་བསམ་ན་རྒྱང་ལམ་ཆོད་དུས་རེད།།已到远走高飞之季

ལས་བསམ་ན་ཤེད་ཤུགས་ཡོད་དུས་རེད།།已是干事有力之年

འདང་བརྒྱབ་ན་རིག་པ་རྣོ་དུས་རེད།།已成智力成熟之岁

ང་ཕ་རྒན་ལྔ་བཅུར་སྐེ་སོ་རེད།།为父已是五十老季

ལོ་ལྔ་བཅུ་མི་ཚེའི་ཕྱེད་ཀ་རེད།།年到五十已过半辈子

དཔེ་བཞག་ན་ཉིན་གུང་ཉི་མ་འདྲ།།好比正中午的太阳

འདི་སྔ་དྲོ་མིན་རུང་ཕྱི་དྲོ་མིན།། 虽不是晌午也非下午

ཁྱོད་ཡར་སྐྱེས་སྡོང་བོ་སྡོང་གསར་རེད།།你如刚长成的新树

ང་མར་རྒུད་སྡོང་བོ་སྡོང་སྐམ་རེད།།我像快枯朽的老树

དུས་དེ་རིང་ཉི་མའི་ཉིན་གུང་ལ།།像今天这般正午时

ངས་བུ་མོ་ཁྱོད་ལ་ཁ་བརྡ་བྱ།།我给女儿你讲些理儿

ངའི་སྙིང་དང་འདྲ་བའི་གཅེས་ཕྲུག་མ།།心肝般的宝贝女儿

ཁྱོའི་རྣ་བ་མ་གཡེང་ང་ལ་ཉོན།།聚精会神地听我说

ངས་གོ་རྒྱུ་ཅན་གྱི་ཚིག་འགའ་བཤད།།我来说些有理的话

ངས་དོན་སྙིང་ལྡན་པའི་དོན་ཞིག་བཅོལ།།嘱咐一些有意义的事

ངས་སྙིང་གཏམ་ཕ་མར་མ་བཤད་ཟིག།我的心事从未说与父母

ངས་སེམས་གཏམ་ན་ཟླར་མ་བཤད་ཟིག།真心从未与知己说

ངས་བཟའ་གཏམ་སྐྱ་ཡ་མ་བཤད་ཟིག། 家事没跟伴侣提及

དུས་དེ་རིང་བུ་མོ་ཁྱོད་ལ་བཤད།།今日就说给女儿你听

སྐྱིད་རྟ་ཕོ་ཞོན་ནས་སོང་ནི་ཡིན།།曾骑着骏马走天下

ནང་སྤུན་ཟླ་མཉམ་དུ་རྩེད་ནས་སོང་།། 兄弟间嬉戏玩耍

ལས་དཀའ་སྡུག་གཉིས་ཀ་ཁུར་ནི་ཡིན།། 所有苦难均背负

ང་འཇིག་རྟེན་རྒད་པོ་བྱང་མ་ཡིན།། 我是世间经事老

ཡུལ་འཛམ་བུ་གླིང་གི་འཇིག་རྟེན་འདི།། 这个偌大人世间

ཕྱི་ཁྲ་ཁྲ་ནམ་མཁའི་འཇའ་ཚོན་འདྲ།། 外如空中彩虹般

ནང་བཀོད་པ་སྒྱུ་མའི་འཕྲུལ་སྣང་འདྲ།། 里如梦幻般的想象

འདི་རྟག་རྒྱུ་མེད་ནོ་འཇིག་རྟེན་ཡིན།། 无法猜测这人间

དོན་ཚུར་བཤད་གོ་བ་ལོན་དུས་ན།། 当你明白是非时

ལས་རྒྱུ་འབྲས་རྒྱ་མའི་སྲང་ལ་འཇལ།།按因果之理办事

ཚེ་འདི་ཕྱི་གཉིས་ཀྱི་ལམ་ཁ་ན།། 前世今世的岔路口

འདི་རྟག་རྒྱུ་ཡོད་ནོ་རྒྱུ་འབྲས་ཡིན།།这因果有迹可循

ཁྱིམ་བཟའ་ཚང་སྡོང་མགོའི་བྱ་ཚང་འདྲ།།家庭犹如树上的巢

ནམ་ཞིག་ལ་འཕུར་འགྲོ་ཆ་མེད་རེད།།指不定何时就飞走

ཡུལ་ཕ་མ་གཉིས་ཀ་འཛོམས་དུས་ན།།家中双亲健在时

ཁྱོའི་མི་ཚེར་ཀ་རྡོ་འཛུགས་ཚད་རེད།།人生应该规划好

ཡུལ་ཕ་མ་ལ་ཁའི་ཉི་མ་འདྲ།།家中父母如夕阳

ནམ་ཞིག་ལ་ནུབ་འགྲོ་ཆ་མེད་རེད།།不知何时就落下

ཡུལ་ཕ་མ་གཉིས་ལ་བྱམས་སྐྱོང་བྱོས།།应善待家中父母

འདིའི་ཡན་ན་དྲིན་ཆེན་ཁྱོད་ལ་མེད།། 没有人比父母有恩

ཆུང་བྱིས་པ་རྣམས་ལ་གཅེས་སྐྱོང་བྱོས།།要爱幼小的人儿

རྒན་ལོ་ལོན་རྣམས་ལ་བརྩི་བཀུར་བྱོས།།尊敬年长的老人

འབུ་གྲོག་མ་ཡིན་རུང་སྙིང་རྗེ་སྒོམས།།对蚂蚁也要心存慈悲

དེ་བྱས་ན་གར་སོང་བསམ་དོན་འགྲུབ།།这样去哪里都会顺利