སེམས་འདི་རྟ་ཕོ་རི་ཤོར།

心似野马

གཞས་ཚིག: དྲུང་ཡིག་རབ་ཁོ

作词:忠优拉科

དབྱངས:བསོད་ནམས་སྟོབས་རྒྱལ

作曲: 索南多杰

ལེན་མཁན:བསོད་ནམས་སྟོབས་རྒྱལ

演唱 :索南多杰

(歌词大意)

སེམས་འདི་རྟ་ཕོ་རི་ཤོར་སྲབ་མདའ་བཅད་ནས་བུད་སོང་།།

这心就像骏马拔出缰绳蹦腾

རྒྱང་རིང་ཕ་ཡུལ་ཕྱོགས་ལ་དྲིན་ཆེན་མ་ཞིག་ཡོད་ཟེར།།

远方的家乡有嗯如山的父母

དམ་བཅའི་སྒོ་དར་སྟེང་ལ་ཨ་མའི་རེ་སྒུག་བྲིས་ཡོད།།

宣誓经幡上写满母亲的期盼

མ་སོང་ཡུན་རིང་ལུས་ན་ཨ་མ་རྒས་འགྲོ་གསུང་བྱུང་།།

不回太久了母亲会年老

སེམས་འདི་རྟ་ཕོ་རི་ཤོར་སྒ་ཆ་གཡུག་ནས་བུད་སོང་།།

这颗心就像骏马破鞍地离开

རྒྱང་རིང་ཕ་ཡུལ་ཕྱོགས་ན་མཐུན་པའི་གྲོགས་ཞིག་ཡོད་ཟེར།།

在遥远的家乡有一位知心的朋友

བརྩེ་བའི་འདབ་ལོའི་སྟེང་ལ་གྲོགས་ཀྱི་དུང་བ་བརྐོས་ཡོད།།

友情的花瓣上刻着好友的爱

མ་སོང་ཡུན་རིང་ལུས་ན་གྲོགས་པོ་སྐྱོ་འགྲོ་གསུང་བྱུང་།།

不回太久了好友也会伤心的

སེམས་འདི་རྟ་ཕོ་རི་ཤོར་གསུམ་སྒྲོག་བཅད་ནས་བུད་སོང་།།

这颗心就像被脱缰的骏马牵走

རྒྱང་རིང་ཕ་ཡུལ་ཕྱོགས་ན་སྐྱིད་པའི་ཁྱིམ་ཞིག་ཡོད་ཟེར།།

在远方的家乡有个舒适的屋

ཁྱིམ་འདིའི་དོ་ཆའི་ལོག་ན་ཕ་མའི་ཚེ་ནོམ་བརྩིགས་ཡོད།།

这个家的两边都搭着父母的生财

མ་སོང་ཡུན་རིང་ལུས་ན་ཁྱིམ་གཞི་སྟོང་འགྲོ་གསུང་བྱུང་།།

不回久了就会倾家荡产