མཐུན་པ་མཐུན་པོ

相聚

གཞས་ཚིག:བེ་དུང དྲུང་ཡིག་རབ་ཁོ

作词:外懂 忠优拉科

དབྱངས:བསོད་ནམས་སྟོབས་རྒྱལ

作曲:索南多杰

ལེན་མཁན:བསོད་ནམས་སྟོབས་རྒྱལ

原唱:索南多杰

(歌词大意)

མཐུན་པ་མཐུན་པོ

和而相同

སྦྲ་སྒོ་དར་ཅན་པོའི་གཞིས་ཀ་ན།

彩旗飘扬的帐篷里

འབྲི་ཐུལ་དཀར་བརྒྱ་ཡི་ལྷས་ར་ན།

百个围绕牛圈的奶牛

ལག་བཞོ་ཟེའུ་བཟུང་བའི་སྒྲོལ་མ་ཡོད།

手拿奶桶的卓玛在

གནའ་དེང་མའི་བེའུ་ཆུང་འཚོ་རོགས་ཡིན།

是小时候一起放牧的伴

ཨ་མཐུན་པ་ཤོག། ཨ་མཐུན་པ་མཐུན་པོ་ཤོག།

和而相同~和而相同

སེམས་གངས་དཀར་རི་བོ་ཁྱོད་བརྟན་སོང་ན།

你心如白雪山稳了

ངའི་ཕྱི་ཐག་གངས་ཆུའི་བཞུར་རྒྱུན་ཡིན།

我爱如雪水融化了

རི་སྨུག་སྤྲིན་འཐིབ་པའི་ལུང་པ་ན།

在云雾缭绕的山谷里

ལུག་གཡང་དཀར་སྟོང་གི་རྨིག་རྗེས་ན།

有千百个绵羊的蹄影

རྐེད་འུར་ཆ་བཏགས་པའི་སྒྲོལ་མ་ཡོད།

有腰缠乌尔朵的卓玛

གནའ་དེང་མའི་ལུག་ཆུང་འཚོ་རོགས་ཡིན།

古来羊儿是放牧的伙伴

ཨ་མཐུན་པ་ཤོག། ཨ་མཐུན་པ་མཐུན་པོ་ཤོག།

和而相同~和而相同

ཞེ་སྣང་བའི་དར་སྐུད་ཁྱོས་མ་ལྷོད་ན།

你若不松开情感的丝绸

ངའི་བརྩེ་བ་མནའ་ཚིག་གསོན་པོ་ཡིན།

我的爱用誓言表达

ཆུ་གཙང་བོ་བཞུར་བའི་འགྲམ་ངོགས་ན།

在河流的对岸上

འཛུམ་མེ་ཏོག་བཞད་སའི་སྤང་ལྗོངས་ན།

笑靥如花的绿地上

ཚིག་སྙིང་གཏམ་བཤད་སའི་སྒྲོལ་མ་ཡོད།

有说悄悄话的卓玛在

གནའ་དེང་མའི་རྩེད་ཆས་བསྒྲིགས་རོགས་ཡིན།

是古往今来的玩伴

ཨ་མཐུན་པ་ཤོག། ཨ་མཐུན་པ་མཐུན་པོ་ཤོག།

和而相同~和而相同

འདང་བརྩེ་བའི་གཏམ་རྒྱུད་ཁྱོས་མ་བརྗེད་ན།

若你不忘情感的故事

ངའི་དུང་བ་འོ་མའི་རྒྱ་མཚོ་ཡིན།

我的爱会像奶的海洋