心之向往
སྨོན་ལམ་གཅིག་ལ་བཏབ་ཡོད།
作词:གཞས་ཚིག གླུད།勒
作曲:དབྱངས། གངས་མགོན་རྒྱལ།岗贡加
演唱:གཞས་པ། ཁ་ཤུལ་མཁྱེན་བརྩེ།卡西钦孜
༡
སྡེ་མི་གཅིག་ལུང་པ་མི་གཅིག་རུང་།།
虽然不是青梅竹马
སེམས་གཅིག་མཐུན་སྣང་བའི་རི་མོ་གཅིག།
心却相连在一起
གཤིས་བལ་དཀར་འདྲ་བའི་བུ་མོ་ཁྱོད།།
温柔如羊毛的姑娘
བརྗེད་མི་ཐུབ་སེམས་ཀྱི་རྙི་ས་ཡིན།།
是我心上的人
ལོ་ཟླ་བ་ཅི་ཙམ་འགོར་ན་ཡང་།།
不管经历多少春秋
ངས་ད་རུང་མིག་གིས་འཚོས་ནས་ཡོད།།
依然是我目中的人
ཡིད་ཀྱི་འཁྲི་ཤིང་སེམས་ཀྱི་དྲན་པ་ཁྱོད་ཡིན།
是我的心之所向思念的人
སེམས་ཀྱི་དྲན་པ་ཡིད་ཀྱི་འཁྲི་ཤིང་ཁྱོད་ཡིན།།
思念和心之所向的人都是你
༢
གཞི་འཁོར་བའི་གནས་མལ་མི་གཅིག་རུང་།།
虽然不是一个屋檐下家人
ཚེ་འདི་ལ་བཏབ་པའི་སྨོན་ལམ་གཅིག།
但一生的心愿一致
འདང་སོར་གདུབ་བཀོན་སའི་བུ་མོ་ཁྱོད།།
想要带上相守手镯的姑娘
འབྲལ་མི་འདོད་ཡིད་ཀྱི་ཟབ་ས་ཡིན།།
深爱之人不愿离去
ཚིག་ཁ་ཆད་བཞག་ནོ་ལྡན་ལ་ཤོག།
希望诺言如期兑现
ལས་སྨོན་ལམ་བཏབ་ནོ་སྨིན་ལ་ཤོག།
也愿望如期而至
ལས་ཀྱི་རི་མོ་འཁོར་བའི་སྙིང་པོ་ཁྱོད་ཡིན།
命运赐给我的心上人
འཁོར་བའི་སྙིང་པོ་ལས་ཀྱི་རི་མོ་ཁྱོད་ཡིན།
心上的人是命运赐给我的
༣
ཁྱིམ་གཅིག་གི་ལས་འཕྲོ་མེད་ན་ཡང་།།
虽然没有在一起的缘分
གཞོན་དུང་སེམས་སྣང་བ་མཉམ་དུ་མཐུན།།
但是内心永不分离
མཚན་རྨི་ལམ་ངོགས་ཀྱི་བུ་མོ་ཁྱོད།།
你是我夜间的梦
ཚེ་བསྐལ་བ་སྟོང་གི་དྲན་ཤིང་ཡིན།།
是我千年的牵挂
ལས་ཟེར་བ་ཡོད་ཀྱང་མེད་ཀྱང་རུང་།།
不管有没有缘分
སེམས་སྨོན་ལམ་གཅིག་ལ་བཏབ་ན་ཆོག།
心之所向就可足以
ལས་ཀྱི་བུ་ལོན་འཇིག་རྟེན་སྣང་བ་ཁྱོད་ཡིན།།
命中的注定一生的牵挂
འཇིག་རྟེན་སྣང་བ་ལས་ཀྱི་བུ་ལོན་ཁྱོད་ཡིན།།
一生的牵挂命中的女神