ཕ་ཡུལ་གངས་ལྗོངས།
故乡雪域
ཚིག:མགོ་ལོག་ཉི་འོད།
作词:果洛阳光
དབྱངས:བློ་བཟང་རིན་ཆེན།
作曲:罗桑仁青
ལེན་མཁན་པདྨ་སྐྱབས།
歌手:班玛杰
ཕ་ཡུལ་གངས་ལྗོངས་འདི་གླུ་གར་གྱི་བང་མཛོད་རེད།།
སྒྲུང་གླུ་རིང་མོ་འདི་གླུ་ཡི་དྭངས་རྩེ་ཡིན།།
ཨ་ལ་ལ་མོ་འདི་མེས་པོའི་འགུག་ལུགས་རེད།།
མཐོ་སྒང་ཡུལ་གྲུ་འདི་གླུ་ཡི་ཕ་ཡུལ་ཡིན།།
~
གངས་ལྗོངས་བོད་པ་འདི་གླུ་གཞས་ཀྱི་བདག་པོ་རེད།།
ཀ་ཁ་ག་ང་འདི་གཞས་ཀྱི་དྭངས་རྩེ་རེད།།
ཨི་ཨུ་ཨེ་ཨོ་འདི་ཚིག་གི་རྒྱན་ཆ་རེད།།
གངས་ལྗོངས་ཕ་ཡུལ་འདི་གཞས་ཀྱི་འདུ་ར་ཡིན།།
~
གངས་ལྗོངས་ལུང་པ་འདི་གཏེར་གནས་ཀྱི་འབྱུང་ཁུངས་རེད།།
ཆོལ་ཁ་གསུམ་པོ་འདི་ཡུལ་འདིའི་བདག་པོ་ཡིན།།
རི་གཏེར་འཕྲུལ་ཆས་ཀྱི་སློག་པའི་དུས་སྐབས་འདིར།།
ཕུ་ནུའི་མཐུན་སྒྲིལ་འདི་ལག་རྡང་བརྟན་པོ་དགོས།།
~
ཕ་ཡིག་ཕ་སྐད་འདི་མི་རིགས་ཀྱི་སྲོག་རྩ་རེད།།
མ་ཡུམ་ལུང་བ་འདི་ལྟེ་ཕྲག་འཕོ་ས་ཡིན།།
རང་ཡུལ་གངས་ལྗོངས་འདི་དག་པའི་ཞིང་ཁམས་རེད།།
སྲུང་སྐྱོབ་དགོས་པ་འདི་བོད་མིའི་འོས་འགན་ཡིན།།