སྐྱོ་གཞས་སྤུན་ཟླའི་སེམས་གསོ། 悲曲祭兄弟情 ཚིག འཇུ་སྐལ་བཟང་། 作词:居·格桑 དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་། 作曲:郎甲曲迈才让 ལེན་མཁན། ཤེར་བསྟན། 演唱:谢旦 རོལ་མོ། གླིང་རྒྱལ་འཆི་མེད་ཚེ་རིང་། 编曲:郎甲曲迈才让 གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་། 音乐宣传:谢旦贴吧工作室 རང་བྱུང་གནམ་སའི་གོད་ཆག ། སུ་ཡིས་བྱས་པ་མ་རེད།། བྱུང་ནི་བྱུང་ཡང་བྱུང་སོང།། མ་སྡུག་ཨ་ཇོ་ཨ་ཅ།། མ་ངུ་བུ་ཕྲུག་མིང་སྲིང།། ཨམ་གཙིག་སོ་ཡིས་སྡོམས་རོགས།། ཁང་ཆུང་རྡིབས་ན་སྡུག་གི།། གཞིས་ཆུང་གཏོར་ན་སྐྱོ་གི།། ཁག་ནི་ཁག་ཀྱང་མེད་མོད།། མཆི་མ་ལག་པས་ཕྱིས་ནས།། མདུན་གྱི་ཐེམ་པ་བརྒལ་ན།། བདེ་བའི་རེས་ལ་འཁོར་ཡོང།། ཤ་རུས་ཁྲག་རྒྱུན་འབྲེལ་ཡང།། སྐྱིད་པོ་ཟས་ཀྱི་མགྲོན་ལ།། ཁྱེད་རང་འབོད་རྒྱུ་མ་བྱུང་།། སྡུག་པོ་མགོ་ལ་འཁོར་ཉིན།། ཁྱོད་རང་ཁེར་རྐྱང་མ་བསམ།། སེམས་ཀྱི་སྐྱོ་རོགས་ང་ཡོད།། ཁང་ཆུང་རྡིབས་ན་སྡུག་གི།། གཞིས་ཆུང་གཏོར་ན་སྐྱོ་གི།། ཁག་ནི་ཁག་ཀྱང་མེད་མོད།། མཆི་མ་ལག་པས་ཕྱིས་ནས།། མདུན་གྱི་ཐེམ་པ་བརྒལ་ན།། བདེ་བའི་རེས་ལ་འཁོར་ཡོང།། ཤ་རུས་ཁྲག་རྒྱུན་འབྲེལ་ཡང།། སྐྱིད་པོ་ཟས་ཀྱི་མགྲོན་ལ།། ཁྱེད་རང་འབོད་རྒྱུ་མ་བྱུང་།། སྡུག་པོ་མགོ་ལ་འཁོར་ཉིན།། ཁྱོད་རང་ཁེར་རྐྱང་མ་བསམ།། སེམས་ཀྱི་སྐྱོ་རོགས་ང་ཡོད།། ཤ་རུས་ཁྲག་རྒྱུན་འབྲེལ་ཡང།། སྐྱིད་པོ་ཟས་ཀྱི་མགྲོན་ལ།། ཁྱེད་རང་འབོད་རྒྱུ་མ་བྱུང་།། སྡུག་པོ་མགོ་ལ་འཁོར་ཉིན།། ཁྱོད་རང་ཁེར་རྐྱང་མ་བསམ།། སེམས་ཀྱི་སྐྱོ་རོགས་ང་ཡོད།།